ད་ དལ་མེད་རྙོགས་པའི་འཇིགས་རྟེན་འདིར་། ན་ རྣོས་ཅན་མཚོན་གྱིས་སྤེད་པ་བཞིན་།།
༼ འཁོར་བ་ཞེན་ལོག་། ༽
༉ ཀ་ དཀའ་བར་སྤྱད་པའི་མི་ལུས་འདིར། ཁ་འཁོར་བ་འདི་ནང་མ་འཁྱམ་ཤི་།
ག་ གང་ནས་བལྟས་ཀྱང་སྙིང་པོ་མེད། ང་དམ་པའི་ལྷ་ཆོས་སྙིང་ནས་དྲན།།
ཅ་ གཅེས་པར་འཛིན་པའི་རང་གི་ལུས་། ཆ་ ཆས་གོས་དར་དང་ནོར་བུས་རྒྱན་།
ཇ་ འཇའ་ཚོན་ལྟ་བུ་མདོག་ལྡན་ཀྱང་། ཉ་ སྙིང་པོ་མེད་པའི་ཆོས་ཉིད་ཡིན་།།
ཏ་ གཏན་འཇགས་རྒྱུ་དངོས་བཟང་ཆེ་ཡང་། ཐ་ ཐལ་བར་བརླག་འདི་ཟད་པའི་རྒྱུ་།
ད་ དལ་མེད་རྙོགས་པའི་འཇིགས་རྟེན་འདིར་། ན་ རྣོས་ཅན་མཚོན་གྱིས་སྤེད་པ་བཞིན་།།
ད་ དལ་མེད་རྙོགས་པའི་འཇིགས་རྟེན་འདིར་། ན་ རྣོས་ཅན་མཚོན་གྱིས་སྤེད་པ་བཞིན་།།
པ་ པར་ཏྲ་ཆེན་པའི་ལྷ་ཁང་བཞེང་། ཕ་ ཕམ་མའི་གདན་ས་ཆོས་ཅིག བསྒྲུབ་།
བ་ བ་མར་བོའུ་ཅུང་སྣ་བས་སྐྱོང་། མ་ ཟངས་མདོག་དཔལ་རི་སྐྱེ་བར་ཤོ་།།
ཙ་ ཙཱ་རི་གནས་ཆེན་བྱིན་ཅན་ཡང་། ཚ་ ཚེ་དང་བསོད་ནམ་མ་ལྡན་པར་།
ཛ་ མཛའ་གྲོགས་ཚུ་ལུ་ཡེངས་འདི་ཀྱིས་། ཝ་ ཝང་ཝང་སྡུག་པའི་སྐད་ནང་འཐིམ།།
ཞ་ ཞེན་པ་ལོག་པའི་མི་ཚེས་འདི་། ཟ་ གཟེར་ཁམས་ནད་ཀྱིས་གནོད་པ་བཞིན་།
འ་ འུར་བྱེལ་ཆེ་བའི་ལས་སྣ་མང་། ཡ་ ཡང་བསྐྱར་བྱེད་ཀྱང་རྒྱུན་ཆད་མེད་།།
ར་ རང་ཐག་གཅད་པའི་བློ་འདོད་འདི་། ལ་ ལམ་འགྲོས་ངན་བའི་སྟབས་ཀྱིས་འབད།
ཤ་ ཤོམ་འདབ་རླུང་གི་དབྱབ་དོ་བཟུམ་། ས་ མི་ཡུལ་ལུམ་པ་བློ་ཕམ་པས།།
ཧ་ ཧ་ཧ་ཧི་ཧི་དགའ་བའི་གླུ་། ཨ་ ཨ་ཐང་ཆད་ཚེ་ཕན་པ་མེད་།།
Subscribe to:
Post Comments (Atom)
1 comment:
ལུས་བལྟ་བའི་མིག་ཁར་མཛེས་ཀྱང་ཉིང་པོ་མེད།། ཟས་རྒྱུ་ནོར་ལོངས་སྤྱོད་ཆེ་སྡིག་པའི་རྒྱུ།།
ཆོས་མི་རྟག་རང་བཞིན་ཐུགས་ལ་བསམ་པའི་ཕྱིར།། སེམས་དམ་པའི་ཆོས་ལ་བརྩོན་ན་དོན་ཆེན་སྒྲུབ།།
Nice verse, we really need to realize it and do something fruitful, though we cannot go to the caves and meditate realizing the sufferings of the world.
Post a Comment