Post Page Advertisement [Top]

        བདག་གི་ཡིད་དབང་འཕྲོག་པའི་ལྷ་མོ་ཁྱོད་། བརྒྱད་གཉིད་བཅུ་དྲུག་ལོན་པའི་ལྷ་སྲསམོ་མཚུངས་། 
           དཀར་ལ་དམར་མདངས་ཆགས་པའི་ན་ཆུང་མ་། རྣམ་པར་བཀྲ་བའི་མཛེས་སྡུག་བརྗོད་མ་ཤེས་།།

           དེང་སང་འཕྲད་པའི་བུད་མེད་མང་ཡོད་ཀྱང་།      མཛེས་མ་ཁྱོད་ཀྱི་ལུས་ནས་ལྗོན་ཤིང་བཞིན་། 
           ཞལ་མཆུ་དམར་ལ་པདྨའི་འདབ་མ་མཚུངས་། གནམ་མཁའི་འཇའ་ཚོན་བལྟ་བུ་འོད་མདངས་ཆེ།།

           ལྷ་ཤིངའི་ཡལ་འདབ་རླུང་གི་དབྱབ་པ་བཞིན་། མིག་ལ་འོད་ཅེམ་དབྱར་གྱི་མེ་ཏོག་མཚུངས་།
           དབྱངས་ལྡན་པི་ཝང་སྒྲ་སྙན་དཀྲོགས་པ་བཞིན་། གསུངས་སྙན་ཐོས་ནས་མ་ཆགས་བདག་དབང་མེད་།།

           ཡང་ཡང་ཡིད་ལ་དྲན་པའི་ཁྱོད་ཀྱི་ཞལ་།བལྟས་ཀྱང་ངོམ་པར་མ་འགྱུར་སླར་ཡང་བལྟ།                       
           ཅིག་ཞིག་བརྗོད་པའི་སྤོབས་པ་མ་བརྙེས་པར་། སླར་ཡང་འདི་རུང་འཛོམ་པ་ཡིད་ལ་སྤྲོ་།།

No comments:

Bottom Ad [Post Page]

| Designed by Colorlib