༼ རང་ལུགས་ལམ་སྲོལ་གྱི་སྐོར་། ༽
༉ སྔོན་ དང་ཕུ་ ལོ་ངོ་མང་རབས་ཅིག་གི་ཧེ་མ་ལས་ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ སྤྱིར་ལྷ་དང་བླ་མའི་སྐྱབས་མགོན་ དང་ གུས་སུ་ འབྲུག་མི་རེ་རེ་བཞིན་དུ་ཀྱིས་སྤྱི་མཐུན་ བསོད་ནམ་ལས་ ཕྱི་མཛེས་ཆགས་དང་ལྡན་པའི་ གང་རི་ཚུ་གྱི་མཐའ་སྐོར་ ཡན་ལག་ བརྒྱད་དང་ ལྡན་པའི་ གཙང་ཆུ་སྔོན་མོ་འབབ་ དྲི་ཞིམ་བསྲུང་དང་ལྡན་པའི་ ལྷ་ཤིང་ཤུགཔ་ བཙན་ལྡན་ བ་ལུ་སུ་ལུ་ ལ་སོགས་པའི་ མེ་ཏོག་ རྣམ་པ་སྣ་ཚོགས་ཤར་འདི་ བྱིན་རླབས་ཆེ་བའི་སྤྲིན་ཕུང་ དུས་ནམ་ཡང་ཡལ་རྒྱུ་མེད་པར་ དངོས་གྲུབ་ཀྱི་བདུད་བརྩི་ ཟིམ་ཟིམ་འབབ་སྟེ་ བསྟན་ ལྷ་ཡུལ་དང་ མཉམ་པའམ་ འགྲན་ཟླ་དང་བྲལ་བའི་ དགའ་ལྡན་གྱི་ཡུལ་ཅིག་སྦེ་སྡོད་ནུག་།
འདི་ནང་ལུ་ དུས་གསུམ་མཁྱེན་པའི་ རྣམ་སྤྲུལ་ ཡིད་བཞིན་གྱིས་ནོར་བུ་ རྣམ་དཔྱོད་བཀྲ་བའི་ རྗེ་དཔོན་དང་ བླམ་དགེ་བའི་ བཤེས་གཉེན་ ཡུལ་གོང་མ་ མང་རབ་ཅིག་བྱོན་འདི་ ཆོས་ཁྲིམས་ དར་གྱིས་མདུད་ཕོད་ དང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ བཙུགས་འདི་ མི་སེར་ཚུ་ཡང་ ལུས་སེམས་ལུ་ དཀའ་སྡུག་ག་ནི་ཡང་མེད་པར་ ཉམས་དགའ་བའི་ཞོར་ཁ་ རྩ་བཟའ་ ཆུ་འཐུང་འདི་ གཉིད་ལོགཔ་དང་ འདྲ་བའི་བདེ་བ་ ཚད་མེདཔ་ཅིག་མྱོང་འདི་ ག་ནི་བ་ཡང་བག་ཕེབས་ཏོག་ཏོ་ སྦེ་གནས་འདི་སྡོད་ནུག་དགོ་།
ཨིན་རུང་ ང་བཅས་རའི་ རྒྱལ་ཁབ་འདི་ ས་རྒྱ་ཆུང་ མི་རློབས་ཉུང་ རྒྱུ་སྟོབས་དམན་པའི་འགུར་ ཡར་རྒྱས་འགྱོ་བའི་ དུས་སྐབས་ འབད་ནི་ འདི་ཀྱིས་ འཕྲུལ་ཆས་དང་ འཕྲུལ་རིག་གི་ཐོག་ལུ་ རོགས་རྒྱལ་ཁབ་གཞན་དང་ འགྲན་ཟླ་འབད་མི་ཚུགས་ནི་ ཨིནམ་ལས་ སྲུང་སྐྱོབས་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ཐབས་ལུ་ ང་བཅས་རའི་ རྒྱལ་ཁབ་ཀྱིས་ མཐུན་མོང་མ་ཡིན་པའི་ ཁྱད་ཆོས་ ལམ་ལུགས་སྲོལ་ཚུ་ མི་ཉམས་ རྒྱུན་སྐྱོང་ འབད་དགོཔ་འདི་ ཧ་ཅང་གི་ རྒྱལ་ཆེ་ཤོ་ཅིག་ཨིན་ནོ་།
དཔལ་ལྡན་འབྲུག་པའི་ཁྱད་དུ་ཕགས་པའི་ལམ་སྲོལ་ མང་རབ་ཅིག་ཡོད་པའི་ འབྲལ་ལས་ གཅིག་གླུ་ཞས་འདི་ཨིན་ འདི་ཡང་ ལུང་ཕྱོགས་ སོ་སོའི་ནང་ལས་ཕར་ གླུ་གཞས་ཀྱི་རིགས་མ་འདྲཝ་་མང་རབ་ཅིག་ཡོད་པའི་ འབྲལ་ལས་ མང་ཆེ་ཤོས་ཅིག་དམ་པའི་ཆོས་ཀྱི་ ཁུངས་དོན་དང་ འབྲལ་བ་ཡོད་པའི་ གླུ་གཞས་ གདང་རིངམ་འདི་ལུ་ གཞུང་སྒྲ་དང་ གདང་འཐུང་སུ་ ཅི་འབད་མི་ འདི་ལུ་འབོད་སྒྲ་ཟེར་ དར་ཁྱབ་སྦོམ་སོང་ ཡོདཔ་ཨིན་ དེ་ལས་ཤེས་ཡོན་གྱི་ཕྱུག་མི་ བློ་རིག་མཁས་པའི་ ན་གཞོན་ཚུ་གི་ བརྩམ་འདི་འཐེན་མི་འདི་ལུ་ རིགས་གསར་ཟེར་སླབ་ཨིན་ སྤྱིར་གླུ་གཞས་ འདི་ཚུ་ང་བཅས་རང་ ནང་པའི་ལུགས་ལུ་ དགའ་སྐྱིད་ཡོད་པའི་ བརྡ་མཚོན་ཨིན་པའི་ཁར་ ཕོ་མོའི་ བར་ན་ བརྩེ་བའི་འབྲེལ་བ་ དམ་ཟབ་ བཟོ་ནིའི་རྒྱུན་ལམ་ཁྱད་པར་ཅན་ཅིག་ཡང་ཨིན་།
ལྷག་པར་དུ་ གནས་བཟང་པོ་དང་བླམ་སློབ་དཔོན་ཚུ་ལུ་ བསྟོད་པ་དང་མཆོད་པའི་གླུ་ཚུ་བརྩོམ་དེ་ འབད་བ་ཅིན་ གླུ་གཞས་ བརྩོམ་མའི་ རང་གི་རྒྱུད་ལུ་ ཚོགས་བསགས་པའི་ ཐབས་ལམ་ཅིག་ཨིན་ རྒྱུ་མཚན་ འདི་ལས་བརྟེན་ སྔོན་ཧེ་མ་ལས་ ཡོད་པའི་ ཞབས་ཁྲ་ གཞུང་སྒྲ་དང་ འབོད་སྒྲ་གྱི་ཚིག་དང་ གདང་དབྱངས་འདི་ཚུ་ མི་ཉམས་ རྒྱུན་སྐྱོང་གི་ཐོག་ལས་ ཡར་རྒྱས་གཏང་ནི་འདི་ཡང་ཁ་ཆེ་ཤོ་ཅིག་ཨིན།
འདི་དང་འདྲཝ་སྦེ་ གཞན་དང་མ་འདྲཝ་ ཡིད་དུ་འོང་བའི་ ཁྱད་ཆོས་གཅིག་ ང་བཅས་འབྲུག་པའི་གྱོན་ཆས་ བགོ་དང་དཀྱི་ར་འདི་ཨིན་། སྤྱིར་གཏང་ བགོ་ལ་མ་འདྲཝ་ལེ་ཤ་ ཡོད་པའི་འབྲལ་ལས་ ཡོང་གྲགས་ལུ་ ཨའི་ཀ་པུར་ ལུང་གསེམ་ གོས་ཆེན་ བུ་རཱ་ མཱན་རྩི་མར་ཁྲ་ ཨཱ་ད་མར་ཁྲ་ བུམ་ཐང་མར་ཁྲ་ གསེར་ཤི་ ཧོར་ཁྲ་ ལ་སོགས་པ་ཚུ་ཨིནམ་ད དེང་སང་ མི་རང་རང་སོ་སོའི་ བློ་རིག་དང་བསྟུན་པའི་ དཔེ་གསར་ ཡང་ལེ་ཤ་ཡོདཔ་ཨིན་།
འདི་ཚུ་གྱི་ མ་ཚད་པར་ ང་བཅས་ཙན་ལྡན་བཀོད་པའི་ཡུལ་འདི་ནང་ ཐ་ན་ ལྟོ་བཟའ་ཐངས་ ལམ་འགྱོ་ཐངས་དང་ བློ་སླབ་ཐངས་ ལས་ འགོ་བཟུང་སྟེ་ རྒྱལ་ཁབ་གཞན་ག་དང་ཡང་མི་འདྲ་བར་ ཕྱི་རྒྱལ་ཁབ་ཚུ་གྱི་དཔེ་བལྟ་སུ་ དང་ ཆ་བཞག་སུ་གྱི་ ཡུལ་ཅིག་དང་ ནང་ འབྲུག་མི་ཚུ་ དཔའ་མཉམ་བསྐྱེད་ཚུགས་པའི་གཞི་ཅིག་ཨིན་། ནི་ལས་ལྷག་འདི་ བློ་དམན་རང་གི་ བསམ་གྱི་མི་ཁྱབ་ བརྗོད་ཀྱིས་མི་ལང་པའི་ ཁྱད་ཆོས་ གཞན་དང་གཞན་ཡང་ མཐའ་ཡས་ རྒྱ་མཚོ་ཆེན་པོ་བལྟ་བུ་སྦེ་ ཡོད་མི་ཚུ་ ལྷག་བསམ་གཡོ་མེད་ རྣམ་པར་དག་པའི་སྒོ་ལས་ རྩ་བ་གསུམ་ལུ་ ཤ་ཚ་སེམས་ཀྱིས་བརྩེ་བ་ སྙིང་གི་དཀྱིལ་ལས་བསྐྱེད་འདི་ རང་གི་སྲོག་བ་ཡང་གཅེསཔ་སྦེ་ བདག་འཛིན་འབད་དགོཔ་འདི་ ང་བཅས་འབྲུག་མི་ མཆོག་ དམན་ བར་མ་ ཆ་མཉམ་ལུ་ ཕོག་པའི་ལཱ་འགན་ངོ་མ་ཅིག་ཨིན་ནོ་།།
Subscribe to:
Post Comments (Atom)
No comments:
Post a Comment